
ས་གནས་ནེ་རྡར་ལན་ཌིའི་རྒྱལ་ས་ཨམ་སི་ཀྲར་ཌམ་ལ་བོད་རིགས་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་སྣེ་ཁྲིད་འོག ལྷོ་སོག་པོ་དང། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་སྐུ་ཚབ། དེ་བཞིན་ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་འཛོམས་ཐོག་བོད་མིའི་རང་དབངསྒེར་ལངས་སམ་གསུམ་བཅུའི་དུས་དྲན་ཐེངས་༦༧ པ་དེ་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
མ་ཟད་ནེ་རྡར་ལན་ཌིའི་རྒྱལ་སའི་རྒྱལ་ཁང་ནང་ནས་Tibet ཞེས་གསལ་པོ་་འཁོད་པའི་ས་ཁྲ་ཞིག་གསར་རྙིད་བྱུང་ཡོད། དེ་ནི་སྤྱི་ལོ་༡༦༥༥ ལོ་བྲིས་པ་ཞིག་རེད་འདུག་་དེ་ཟུར་སྟོན་བྱས་ནས་ས་གནས་གསར་འགོད་པ་དང་ལྷན་ཁྱབ་བསྒྲགས་དང་དྲིལ་བསྒྲགས་ཤུགས་་ཆེར་བྱས་ཡོད་ལ་དེའི་དགོང་མོ་དེ་ག་རང་བརྙན་འཕྲིན་ས་ཁྲ་དེ་དང་འབྲེལ་ནས་བོད་དོན་ཁྱབ་བསྒྲགས་ཆེན་པོ་བྱེད་ཐུབ་པ་བྱུང་ཡོད།།Amsterdam in Nederland