
࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ༣༡ ས་ག་ཟླ་བའི་ཚེས་༡༥ ཉིན། ངེད་ནེ་རྡར་ལན་ཌི་བོད་རིགས་ཚོགས་པས་ས་ག་ཟླ་བའི་མཆོད་འབུལ་སྨོན་ལམ་དེ་བཞིན་ཟབ་རྒྱས་གོ་སྒྲིག་ཞུ་ཡོད།
དེ་ཡང་ནེ་རྡར་ལན་ཌིའི་རྒྱལ་ས་ཨམ་སི་ཀྲལ་་ཌམ་་ནང་གནས་པའི་་་་རིག་པ་ཆོས་ཚོགས་སུ་ཆོས་ཚོགས་དང་མཉམ་ལས་བྱས་ནས་༧ སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཚོགས་མགོན་དུ་ཕེབས་ནས་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་མཆོད་པའི་གསོལ་ཚོགས་དང་དེ་བཞིན་རིག་པ་ཆོས་ཚོགས་ནས་རྟེན་འབྲེལ་ཉེས་སེལ་གྱི་གསོལ་ཚོགས་ཀྱང་ཕུལ།
དེ་རྗེས་རིན་པོ་ཆེ་མཆོག་ནས་མི་དམངས་ལ་ཆོས་དང་རིག་གཞུང་་ལྷག་པར་བོད་ཀྱི་སྐད་ཡིག་ལ་ཤུགས་རྒྱག་དགོས་པའི་་བཀའ་སློབ་གནད་སྨིན་གནང་གྲུབ་རྗེས་རྒྱུན་ལས་དང་མི་མང་་ལ་མཇལ་ཁའི་བཀའ་དྲིན་སྐྱོང་གནང་བ་སོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད།།





